མདུན་ཤོག གསར་འགྱུར། དྷ་རམ་ས་ལ། ཆེད་དོན། བསྒྱུར་རྩོམ། བག་གཡེང་། རྩོམ་རིག ལོ་རྒྱུས།
གསལ་བསྒྲགས། སློབ་གསོ། དྲི་བ་དྲིས་ལན། སྤྱི་ཚོགས། དགག་གཞག བརྙན་རིས། སྤྱི་མཛོད། ཟིན་བྲིས།

བསྒྱུར་རྩོམ།

                                 མི་ཚེ་ནང་གི་ལམ་སྒྲོན་གསུམ།

དུས་རབས་ཉི་ཤུ་པའི་དུས་དཀྱིལ་ཙམ་ལ།  རྒྱ་ནག་ཏུ་ཕུལ་དུ་བྱུང་པའི་སློབ་ཆེན་གྱི་སློབ་སྤྱི་ཞིག་ཡོད། སློབ་གྲྭ་དེར་ལོ་ལྟར་སློབ་མ་མང་པོ་བསྡུ་བཞིན་ཡོད་པས།  ཁོང་ལ་ལྐོག་རྔན་ཕུལ་མཁན་དང་སྤྲེལ་ལད་འཁྲབ་མཁན་ཡང་མང་བོ་བྱུང་།  འོན་ཀྱང་། ཁོང་གིས་ཁྱིམ་བདག་རྣམས་ལ་ཐུགས་རྗེ་ལེགས་འབུལ་ཞུ་བ་ལས། ལྐོག་རྔན་གཏན་ནས་བླངས་མྱོང་མེད།  ཉིན་ཞིག་སློབ་སྤྱི་ཕྱི་རོལ་ཏུ་བསྐྱོད་སྐབས་ཁྱིམ་བདག་ཅིག་གིས་རིན་གོང་ཆེ་བའི་ཇ་སྐམ་ཤོག་ཁུག་གཅིག་དང་ཐ་མག་སྒམ་གཉིས་ཁོང་གི་ཁྱིམ་དུ་བསྐྱལ།

ཁོང་ཕྱིར་སླེབས་རྗེས་ལྐོག་རྔན་སྤྲོད་མཁན་གྱི་ཁྱིམ་བདག་དེའི་སྡོད་གནས་གསལ་པོར་རྟག་ནས་དངོས་པོ་དེ་དག་གི་རིན་གོང་ཁྲོམ་རའི་གཅིག་མཚུངས་ལྟར་སྦྲགས་ཁང་བརྒྱུད་ནས་ཕྱིར་བསྐུར། ཁོང་ལ་མི་གཞི་བཟང་པོ་དེ་འདྲ་ཞིག་ཡོད་པས།  བརྩི་བཀུར་དང་དད་གུས་བྱེད་མཁན་གྲངས་ཀྱིས་མི་ལོངས་པ་ཡོད།

 ཁོང་གིས་མི་ཚེ་ལ་མཇུག་བསྡོམས་འདི་འདྲ་ཞིག་བརྒྱབས་འདུག  མི་ཚེའི་ལམ་བུར་མི་གཞི་བཟང་པོའི་འོད་སྟོང་འཕྲོས་ནས་མདུན་བསྐྱོད་བྱ་དགོས་ན། ལམ་སྒྲོན་མང་པོ་ཡོད་པའི་ནང་ནས་གཤམ་གྱི་ལམ་སྒྲོན་གསུམ་དེར་ངེས་པར་དུ་འབད་བརྩོན་བྱ་དགོས།

ལམ་སྒྲོན་དང་པོ་ནི་དྲང་བདེན་ཡིན།

ང་ཚོས་བྱ་བ་གང་ཞིག་སྒྲུབ་རུང་ཆུ་ཕོར་པ་གང་འཁྱེར་བ་བཞིན་དྲང་པོ་དགོས། མི་གཞན་གྱིས་སྒྲུབ་པའི་ལས་བཟང་དག  རང་དང་རང་གི་མཐའ་འཁོར་ཚོས་མ་སྐུལ་དང་བླངས་ཀྱིས་བསྒྲུབ་དགོས། གཞན་གྱིས་མི་ལས་པའི་ལས་ངན་གྱི་གྲིབ་མ་དེ་དག  ཁྱེད་དང་ཁྱེད་ཀྱི་མཐའ་འཁོར་ཚོའི་ཐོག་ཏུ་གཏན་ནས་སླེབས་མི་སྲིད། བྱ་བ་དྲང་པོར་སྒྲུབ་ན་གཞན་གྱིས་ཁྱེད་ལ་ཡིད་ཆེས་དང་། རྒྱབ་སྐྱོར། བསམ་གཞིགས་བྱེད་ངེས་ལ།  རང་ཉིད་ཀྱི་བྱ་བཞག་ཀྱང་བློ་བདེ་བག་ཕེབས་ངང་སྒྲུབ་ཆོག

ལམ་སྒྲོན་གཉིས་པ་ནི་ངོ་ཚ་ཡིན།

ང་ཚོས་དུས་ནམ་ཡང་གཞན་དང་གཞུང་གི་རྒྱུ་ནོར་ལ་ཧམ་ཟ་བྱེད་མི་རུང་། རང་ཉིད་ཀྱིས་མི་གཞན་གྱི་ཅ་དངོས་ཅི་ཞིག་ཡིན་ཡང་དེ་ལ་འདོད་སེམས་བཅངས་མི་རུང་། མི་ཞིག་ཡིན་ཕྱིན་ངོ་ཚ་ངེས་པར་དུ་དགོས། རང་ཉིད་ཀྱིས་བྱ་བ་ལོག་པ་དང་ནོར་འཁྲུལ་བྱས་ཚེ་དེ་ལ་ངོ་གནོང་སྐྱེ་དགོས། དེ་གང་འདྲ་བྱས་ནས་བསྒྱུར་བཅོས་གཏོང་མིན་བསམ་ཕོད་པ་དགོས། སྔ་མོའི་གཏམ་དཔེར། དྲང་བདེན་ནི་མིང་གྲགས་དང་།  ངོ་ཚ་ནི་བརྗིད་ཉམས་ཡིན་ཞེས་པ་ལྟར། རང་ཉིད་ལ་ཐོབ་པ་དང་མི་ཐོབ་པ་གཉིས་དབྱེ་བ་གསལ་པོ་འབྱེད་ཐུབ་པ་དང་།  རང་སྐྱོན་ངོས་ལེན་བྱེད་ཐུབ་པ་ཞིག་ཡོད་ན་གཞན་གྱིས་ཁྱེད་ལ་བློ་གཏོད་སྲིད་ལ།  ཁྱེད་ཀྱི་བརྗིད་ཉམས་ཀྱང་ཡར་ངོའི་ཟླ་བཞིན་འཕེལ་སྲིད།

ལམ་སྒྲོན་གསུམ་པ་ནི་བྱམས་བརྩེ་ཡིན།

 གཞན་གྱི་གནས་བབ་ལ་ཐུགས་འཁུར་དང་བསམ་གཞིག་ཐུབ་པ་དགོས། འཇིག་རྟེན་འདིའི་སྟེང་གི་མི་སུ་ཞིག་ཡིན་རུང་།  སྤྱི་ཚོགས་འདིའི་འོད་ཟེར་ལོ་ངོ་བཅུ་ཕྲག་འགར་གཡར་བ་ཙམ་ཡིན། སྤྱིར་བཏང་མི་ཚང་མས་སྐྱེ་འཆི་ནི་མི་རྟག་པ་ཞིག་ཡིན་པ་ཤེས་ཡོད། དེ་བཞིན། རྒྱུ་ནོར་དང། གོ་ས། མིང་གྲགས་སོགས་ཀྱང་མི་རྟག་པའི་རང་བཞིན་ཏུ་གྱུར་ཡོད།  སྤྱི་ཚོགས་འདིར་དངོས་ཡོད་ཀྱི་དོན་སྙིང་ལྡན་པ་ནི་སེམས་བསམ་པའི་བྱམས་བརྩེ་དེ་ཡིན། དངོས་ཡོད་ཀྱི་བདེ་སྐྱིད་ནི་བྱམས་བརྩེ་ཡིས་སྐྲུན་བཞིན་ཡོད། དེར་བརྟེན། ང་ཚོས་ཀྱང་བྱམས་བརྩེ་དེ་ལག་ལེན་ཐུབ་ན་གཡར་ཡོང་བའི་ལུས་པོ་འདི་ཡང་སྟོང་ཟད་དུ་མི་འགྲོ་བས་མི་ཚད། འོད་ཟེར་སྟོང་ལྡན་གྱིས་ཁེངས་པར་འགྱུར་སྲིད་པས། མི་རྣམས་ཀྱིས་བྱམས་བརྩེ་ལ་འབད་རོགས།

བྱམས་བརྩེ་ནི་མི་བུ་ཞིག་གི་སྒྲུབ་བྱ་གཙོ་བོ་ཡིན།

མི་ལ་ལས་མི་ཚེའི་ནང་ལམ་སྒྲོན་གསུམ་པོ་དེ་དགོས་པ་མི་ཤེས་སྟབས། མི་གཞི་དོར་ནས་རྒྱུ་ལ་རྔམ་པ་དང། ངོ་ཚ་སྐྱུར་ཏེ་གོ་སར་སྙེག་པ། ལ་རྒྱ་དོར་ནས་མིང་གྲགས་སྐྲུན་པ་སོགས་ཀྱི་ལས་འདྲ་མིན་བྱེད་ཀྱི་ཡོད་པ་རེད། གཅིག་བྱས་ན་མི་དེ་ཚོས་ལམ་སྒྲོན་དེ་དག་གིས་རང་ཉིད་ཀྱི་མི་ཚེའི་ལམ་བུར་འོད་ཟེར་འཕྲོ་གི་ཡོད་པ་མི་ཤེས་པ་མིན་པར་ཁོང་ཚོའི་སེམས་ཁམས་ལ་འོད་ཟེར་འཚམས་ཀྱི་མེད་པ་དང་། མི་གཞན་གྱི་མིག་ཟུང་རིག་མི་ཉན་པ་ཡིན་པས། མཐའ་མར། ཁོང་ཚོའི་འཚོ་བའི་ནང་སྐྱོ་གར་གྱི་ལེའུ་རྫོགས་རྒྱུ་མེད། མི་དེ་ཚོའི་ལོ་རྒྱུས་ཀྱང་དྲི་ངན་བྲོ་བའི་གད་སྙིགས་ཕུང་པོ་ཞིག་དང་འདྲ་པོ་རེད།

ཤོག་ངོས་འདི་ཐེངས་ (༢༢༧༡) ལ་བཀླགས་འདུག

ཡར་འཇོག་མཁན་། : སྟག་རྩེ་བུ་མོ།

རྩོམ་པ་པོ། :  ཀྲང་ལེང་།

ཡོང་ཁུངས། : རྒྱ་ནག་གི་མཐོ་རིམ་སློབ་མའི་ཤེས་རབ་སྐོར་གྱི་སྒྲུང་གཏན་ཕྱོགས་སྒྲིག

 
 མཆན། 

དྲ་ཞབས་སེང་གེ
༢༠༡༠/༠༧/༡༡

སྟག་རྩེ་བུ་མོ་རང་དབང་གླེང་སྟེགས་སུ་ཕེབས་པར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆགས་ཅིག་རང་དབང་གླེང་སྟེགས་སུ་ཁྱིམ་གཞིས་བཟུང་དགའ་བར་སེམས་གཏིང་ནས་བསུ་ཞུ། མུ་མཐུད་ནས་རང་གི་ཁྱིམ་གཞིས་ཡར་རྒྱས་དང་རང་དབང་གླེང་སྟེགས་འདི་བཞིན་ཅི་དགར་བེད་སྤྱོད་གནང་རོགས་ཞུ།

གཞོན་ནུ་ཟླ་མེད།
༢༠༡༠/༠༧/༢༢

སྟག་རྩེ་བུ་མོས་སློབ་གསོ་ཕྱོགས་ཀྱི་རྩོམ་ཡིག་བསྒྱུར་བ་ཡག་པོ་འདུག ང་ཚོའི་སྤྱི་ཚོགས་ནང་དུ་སློབ་གསོའི་སྐོར་གྱི་རྩོམ་ཡིག་ཉུང་ཉུང་རེད། གལ་ཆེན་ཡང་རེད།

བཀླགས་མང་ཤོས།
 ༅། བླ་མ་གསང་མྱུལ་བ་ཞིག་གི་འདྲ་རིས། (༣༡༦༡)
 ༅། ཨོ་ས་མ་སྦིན་ལ་ཏིན་འདི་འདྲ་ཞིག་རེད། (༢༨༤༥)
 ༅། ༄༅། །བཀའ་བློན་ཁྲི་པ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལ་བཅར་འདྲི། (༢༥༣༢)
 ༅། ཨ་རིའི་སྲིད་འཛིན་རིམ་བྱོན་གྱི་ལོ་རྒྱུས་གནད་བསྡུད་སྲིད་དོན་གྲུབ་པའི་དགའ་སྟོན་སྔ་འཕྲོ། (༢༤༦༩)
 ༅། སུའུ་ཁི་ལན་གྱི་མི། (༢༤༠༢)
 ༅། ལྷིང་འཇགས་མཚན་མོའི་འཆར་སྣང༌། (༢༣༧༣)
 ༅། མི་ཚེ་ནང་གི་ལམ་སྒྲོན་གསུམ། (༢༢༧༢)
 ༅། བོད་གདོད་མ་ནས་རང་བཙན་གྱི་རྒྱལ་ཁབ་ཞིག་ཡིན། (༢༠༨༤)
 ༅། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་འཕྲུལ་སྒྲ་(Twitter)དྲྭ་གནས་སུ་ཕེབས་པ། ༢  (༢༠༢༩)
 ༅། སེམས་གཏམ་དམར་ལྡང་མ།  (༡༨༩༣)
མཆན་མང་ཤོས།
 ༅། མི་ཚེ་ནང་གི་ལམ་སྒྲོན་གསུམ། (༢)
 ༅། ༄༅། །བཀའ་བློན་ཁྲི་པ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལ་བཅར་འདྲི། (༢)
 ༅། བླ་མ་གསང་མྱུལ་བ་ཞིག་གི་འདྲ་རིས། (༢)
 ༅། རོ་མེའོ་དང་ཇུ་ལིཀྲི། འཁྲབ་སྟོན་གཉིས་པ། ༼ལེའུ་གཉིས་པ།༽ (༡)
 ༅། སུའུ་ཁི་ལན་གྱི་མི། (༡)
 ༅། འཚེ་མེད་ཞི་བའི་སྲིད་བྱུས་རྒྱུན་མཁྱོངས་དང་རྩ་འཛུགས་གནང་རོགས།  (༡)
 ༅། གཞིས་ལུས་བོད་མི་ཞིག་གི་མིག་ཆུ། (༡)
 ༅། མ་འོངས་ལུང་བསྟན་དང་། ལྷ་སའི་ཨ་ལྕག (༡)
 ༅། ལྷིང་འཇགས་མཚན་མོའི་འཆར་སྣང༌། (༠)
 ༅། རོ་མེའོ་དང་ཇུ་ལིཀྲི། འཁྲབ་སྟོན་དང་པོ། ༼ལེའུ་དང་པོ།༽ (༠)

 

2010©རང་དབང་དྲ་གནས།