ཁ་བརྡ་དྲ་བའི་ལས་བྱེད་ཅིག་གིས་༧་གོང་ས་མཆོག་ལ་ཡིད་ལ་གནག་པའི་ངན་བརྗོད་བྱས་པ་ལ་ཀུན་གསལ་བདག་གིས་ལྡོག་བརྗོད་ལམ་ནས་ལན་འདེབས་བྱས་པ་ཁ་བརྡ་ཚང་གིས་ལོ་གཉིས་ལ་ཉེ་བར་བཙན་བཅུགས་ཡོད།<<<ཨ་རོགས(གཡུ་ཚང)། ངོ་མ་ངར་བ་རེད། སྔོན་མ་ཁྱོད་རྨ་ལྷོ་ཁུལ་ན་ཡོད་སྐབས་རིག་མ་མྱོང་། གོ་མྱོང་ང་། ཕྱིས་སུ་ཕྱི་ཕྱོགས་སུ་བྱ་བ་བགོས་ཡོད་པ་གོ་ཐུས་བྱུང་། མིང་དང་ལོ་གཞན་ཞིག་ཡིན་ཁུལ་བྱས་པ་འདི་འགྲིག་འདུག
གཟབ་གཟབ་བྱེད་དགོས། ཁྱེད་ནས་གོང་དུ་དྲངས་པའི་ང་ཚོའི་ཤ་ཁྲག་རུས་གསུམ་ལ་ཞེན་པའི་ཏང་གི་གསུང་བཤད་གལ་ཆེན་''མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་''ཟེར་བ་འདི་གོ་ནས་ང་འདར་སིག་འདྲ་བོ་ཞིག་རྒྱག་གིན་འདུག ང་ཚོའི་གོང་རིམ་ནས་”སྦྲུལ་གསོད་ན་སྦྲུལ་མགོ་རྡུངས་དགོས’’(ཚིག་འདི་བོད་རྒྱའི་གསར་འགྱུར་རྒྱུ་ལམ་མང་པོའི་ནང་བཀོད་འདུག)གསུངས་པ་ལྟར་ཏྰ་ལའི་ནུས་པ་མེད་པར་བཟོ་དགོས། མ་གཞི་ཏ་ལའི་ཁོ་བ་ལོ་བཅུ་དང་མང་ན་ལོ་བཅོ་ལྔ་ལས་ལྷག་འདུག་མི་ཐུབ། ད་སྐབས་ནས་བཟུང་ཁོ་ཧོན་ལོག་ཆགས་འདུག་ག ང་ཚོས་གཙོ་བོ་བོད་པ་ཚོའི་སེམས་ངོས་ན་ཡོད་པའི་ཏྰ་ལའི་འདི་གསུབ་དགོས། ཁྱེད་ནས་བྲིས་པ་ནོར་མི་འདུག ཏྰ་ལའི་མུ་འཐུད་བོད་མིའི་སེམས་ནས་མི་རབས་ནས་མི་རབས་ལ་གནས་ན་ཉེན་ཁ་ཆེན་པོ་རེད། ང་ཚོས་གནད་དོན་འདི་རིགས་ཐད་ཀར་གླེང་མི་ཉན།ཁོ་ཚོ་ལ་སྟུན་ཁུལ་བྱེད་དགོས། ད་དུང་ཁྱེད་ནས་བཀོད་པའི་ང་ཚོའི་ཏང་གི་བརྗེད་མི་སྲིད་པའི་ཚིག་''བློ་མཐུན་''ཟེར་བ་འདིས་མའོ་ཙེ་ཏུང་གི་གསུང་རྩོམ་དྲན་ཡོང་གི དྲ་ཚིགས་གཞན་པའི་ནང་ཡང་ང་ཚོའི་བློ་མཐུན་འགས་བྱ་བ་སྒྲུབ་བཞིན་ཡོད་པ། ང་ཚོའི་བར་འབྲེལ་བ་བྱུང་ཐུབ་ན་ཡག་པོ་འདུག>>>
ཨ་རོགས། ངོ་མ་ངར་བ་རེད། སྔོན་མ་ཁྱོད་རྨ་ལྷོ་ཁུལ་ན་ཡོད་སྐབས་རིག་མ་མྱོང་། གོ་མྱོང་ང་། ཕྱིས་སུ་ཕྱི་ཕྱོགས་སུ་བྱ་བ་བགོས་ཡོད་པ་གོ་ཐུས་བྱུང་། མིང་དང་ལོ་གཞན་ཞིག་ཡིན་ཁུལ་བྱས་པ་འདི་འགྲིག་འདུག གཟབ་གཟབ་བྱེད་དགོས། ཁྱེད་ནས་གོང་དུ་དྲངས་པའི་ང་ཚོའི་ཤ་ཁྲག་རུས་གསུམ་ལ་ཞེན་པའི་ཏང་གི་གསུང་བཤད་ གལ་ཆེན་”མཁས་བརྒྱ་ འགྲན་གླེང་དང་མེ་ཏོག་མཉམ་བཞད་”ཟེར་བ་འདི་གོ་ནས་ང་འདར་སིག་འདྲ་བོ་ཞིག་རྒྱག་གིན་ འདུག xxxxxxxxxxxxxx ————————— ཀུན་གསལ་ལགས། ཁྱེད་ཀྱི་མཆན་དུ་གང་ཟག་ སྒེར་པའི་ཚེ་སྲོག་ལ་རྒོལ་བའི་འཇིགས་སྐུལ་རིང་ལུགས་པའི་སྐད་ཆ་སླེབས་འདུག དེ་འདྲ་ནི་ཁ་བརྡ་དྲ་དེབ་ཀྱིས་ཐལ་ཆེ་བར་ངོས་འཛིན་བྱེད། རྒྱུ་མཚན་དེ་ལ་བརྟེན་ནས་ཁྱེད་ཀྱི་མཆན་དེའི་འཕྲོས་རྣམས་གསུབ་པ་ཡིན། ཁ་བརྡ་དྲ་དེབ་ཀྱིས།
- ༤༽ བློ་བཟང་ནས།
སྤྱི་ལོ་ ༢༠༠༨ ཟླ་ ༨ ཚེས་ ༡༨ གི་ཆུ་ཚོད་ ༡༨ སྐར་མ་ ༣༠
དེ་རིང་ཁ་བརྡ་ཚང་ གིས་ཀུན་གསལ་གྱི་ཐོག་ནས་ཁྲིམས་ཡིག་དོན་ཚན་བཞི་བཟོས་འདུག ཁ་བརྡ་ཚང་དང་གཡུ་ཚང་ཚང་གཅིག་རེད། དོན་དུ་རེབ་ཀོང་ཚང་རེད། སྔོན་དུས་སུ་རེབ་ཀོང་ཚང་རིག་པ་འབྱུང་བའི་གྲོང་ཁྱེར་ཡིན་ནི་རེད། ད་སྐབས་རེབ་ཀོང་ཚང་བོད་ཕྱི་ནང་གཉིས་ན་ཆོས་དང་བླ་མ་ལ་རྒོལ་བའི་རུལ་ཁུ་འབྱུང་ སའི་ཁོར་ཡུག་ཅིག་རེད། བཤད་ལྟངས་ཞིག་མ་གཏོགས་ཀུན་གསལ་གྱི་བཤད་པ་དང་གཡུ་ཚང་གི་བཤད་གཉིས་གཅིག་འདྲ་ རེད། ངས་བསམ་ན་ཁ་བརྡ་ཚང་གིས་ཕྱོགས་ཞེན་བྱས་་ནས་གསུབ་འདུག གསུབ་པ་ནོར་འདུག བཟང་ན་ངན་ན་འདི་ཚང་མ་མི་མང་གིས་ཤེས་དགོས་པ་ཞིག་རེད།
- ༥༽ གཡང་སྐྱབས་རྒྱལ་ནས།
སྤྱི་ལོ་ ༢༠༠༨ ཟླ་ ༨ ཚེས་ ༡༨ གི་ཆུ་ཚོད་ ༡༩ སྐར་མ་ ༠༧
བློ་བཟང་ལགས། ཁ་བརྡ་ཚང་གིས་རེ་སྐུལ་དང་ དྲན་སྐུལ་ཞེས་བྲིས་པ་ལས་ཁྲིམས་ཡིག་ཅེས་བྲིས་མི་འདུག ཁ་བརྡ་དང་གཡུ་ཚང་གཅིག་ཡིན་པའི་ཁུངས་ཅི་ཡོད། ཁུངས་མེད་ན་དེ་དཀྲོག་གཏམ་རེད། རེབ་གོང་ཡིན་དང་བླ་བྲང་ཡིན་དང་མགོ་ལོག་ཡིན་དང་དབུས་གཙང་ཡིན་དང་གང་ཡིན་ཡང་ རུང་། བོད་པ་རེད། རྒྱ་མ་རེད། ལག་པའི་ཕྱི་ནང་གཉིས་ཀ་ཤ་ཡིན་ཟེར་བ་རེད། མ་རེད་དམ།
- ༦༽ མགོན་པོ་ཕྱག་གཉིས་པ་ནས།
སྤྱི་ལོ་ ༢༠༠༨ ཟླ་ ༨ ཚེས་ ༡༨ གི་ཆུ་ཚོད་ ༡༩ སྐར་མ་ ༢༦
དེ་བསུབས་པ་ནོར་ འཁྲུལ་རེད། ང་ཚོས་བཟང་ངན་ཡག་བཙོག་ཚང་མ་ལྟ་འདོད་ཡོད། ཀུན་གསལ་གྱི་ཐེངས་གཅིག་གི་སྐད་ཆ་ལ་ང་ཚོས་ལྡོག་ཕྱོགས་ནས་ངོས་འཛིན་བྱེད་དགོས་ པ་ཅང་མི་འདུག གཙོ་བོ་ད་བར་དུ་ཁོས་ག་རེ་ག་རེ་བྲིས་འདུག་ང་ཚོས་ཁྱོན་ཡོངས་ནས་ལྟ་དགོས་པ་གལ་ ཆེ། དེ་རིང་ཞོགས་པ་ངས་ཁོའི་སྐད་ཆ་ཆ་ཚང་ཀློག་པ་ཡིན། དེ་ནས་ངས་ཁོང་གིས་སྔོན་མ་སྔོན་མའི་མཆན་དེ་ཚོ་ག་རེ་འདྲ་ཞིག་བྲིས་ཡོད་ན་དེ་ལ་ སྐྱར་ཞིབ་ཅིག་བྱེད་དགོས་བསམ་སོང་། ངས་བལྟས་ན་དེ་ལ་ཁ་བརྡ་ཚང་ནས་ཇུས་གཏོགས་མ་བྱེད། ཀློག་པ་པོ་ཚོར་ཇུས་གཏོགས་བྱེད་བཅུག་ན། མ་གཞི་ཁོས་ཅུང་མི་མཐུན་པ་ཞིག་བྲིས་འདུག འདིར་དགྲ་དགྲ་ནག་ཅིག་ཡོང་ན་ཡང་ཡོང་ཆུག འབྲི་ཆུག ང་ཚོས་རིམ་པས་ལྟ་ཆོག ཤོག་ངོས་འདི་ཐེངས་ (༣༨༣༢) ལ་བཀླགས་འདུགཡར་འཇོག་མཁན་། : ཨ་རིའི་བོད་པ། རྩོམ་པ་པོ། : ཀུན་གསལ་ ཡོང་ཁུངས། : ཨ་རིའི་བོད་པ་ནས་་འདིར་བཀོད་ |